为深入贯彻省委十二届七次全会精神,紧扣州委建设国际生态文化旅游目的地总目标和县委打造川西北地区生态文化旅游目的地谋划部署,通过镜头全方位展示阿坝县得天独厚的自然之美、生态之美和人文之美,助力文旅深度融合发展,特举办“莲宝叶则杯”摄影大赛,有效激发广大摄影爱好者积极性,助推“东方的魔幻世界”“千湾湿地·童话牧场”“最美世外桃源”等文旅IP宣传营销,提升“阿坝的阿坝·最厚的净土”全域旅游形象。
一、组织机构
主办单位:中共阿坝县委、阿坝县人民政府
指导单位:四川省民俗摄影协会、阿坝州摄影家协会
承办单位:中共阿坝县委宣传部、阿坝县文学艺术界联合会、阿坝县摄影家协会
协办单位:阿坝县文广体旅局、阿坝县融媒体中心
二、活动主题
光影阿坝·生态诗行
三、活动时间
2025年7月29日—8月24日。其中,作品征集时间为7月29日至8月14日;作品归类整理时间8月15日至16日;专家评审时间为8月17日至8月20日;获奖公示时间为8月21日至8月23日;获奖情况公布时间为8月24日;集中展出时间为扎崇文化旅游季期间。
四、拍摄地点
阿坝县全域
五、参赛人员
全国摄影爱好者均可参赛
六、作品类别
(一)自然风光类
1.壮美山川:雪山、峡谷等地质奇观;2.灵动水域:河流、湖泊等水域风光;3.生态草原:广袤无垠的高原草甸;4.气象奇观:云海、日出、星空等天象景观。
(二)人文风情类
1.生产生活:农牧民传统劳作场景;2.节庆活动:扎崇、青稞丰收等民俗庆典;3.非遗传承:藏香、藏棋等非物质文化遗产展示;4.建筑特色:传统民居、特色建筑风貌。
(三)动物风貌类
1.国家保护动物:雪豹、黑颈鹤等珍稀物种影像;2.生态场景:野生动物与自然环境和谐共生画面。
七、奖项设置(总奖金5.98万元)
(一)常规奖:自然风光、人文风情、动物风貌3类参赛作品分别设置一等奖1名(奖金5000元),二等奖2名(奖金各2000元),三等奖3名(奖金各1000元),优秀奖10名(奖金各300元),入围奖16名(奖金各100元)。
(二)特等奖:特等奖1名,奖金1.5万元(含常规奖奖金,不重复享受)。从自然风光、人文风情、动物风貌3类一等奖获奖作品中评选产生。
八、参赛要求
1.时间要求:拍摄时间不限,鼓励提交近三年新作。
2.数量要求:自然风光、人文风情、动物风貌3类作品,单幅或组照(4至8幅)均可,每人限投20幅(组)。
3.格式要求:作品为JPG格式文件,长边不低于4000像素,文件大小5至20MB,需保证图像质量满足印刷展示要求。
4.后期要求:彩色、黑白不限,可进行适度的后期处理(如色彩调整、对比度优化等),但不得进行合成、添加、大幅度改变原始图像等操作。
九、投稿方式
1.电子邮箱:abx2481238@163.com
2.联系电话:中共阿坝县委宣传部(0837-2482486)
3.投稿形式:以压缩包的形式,发送到指定邮箱。压缩包分为自然风光、人文风情、动物风貌3类,以“姓名+类别+电话号码”命名,其中的图片作品以“姓名+类别+作品名称”命名。
4.征稿时间:2025年7月29日—2025年8月14日
5.获奖情况公布日期:2025年8月24日
6.获奖情况公布平台:“阿坝的阿坝”微信公众号、“阿坝的阿坝”APP等官方平台。
十、参赛须知
1.参赛资格:国内外摄影师及摄影爱好者均可参与。
2.作品使用:参赛即视为主办单位自动具有对所有作品的使用权,不再另付稿酬,且投稿人不得因版权问题或其他问题与主办方产生纠纷。
3.作品提交:获奖者需提供原始文件用于存档备案。
4.原创声明:作品须为原创,作者承担相关法律责任。
5.评选规则:①由专家评审组进行专业评审;②同一作者不重复获得相同等次奖;③优秀奖可多幅获奖。
阿坝县“莲宝叶则杯”摄影大赛组委会
2025年7月28日
2025ལོའི་རྔ་བ་རྫོང“གཉན་པོ་གཡུ་རྩེའི་གསེར་བུམ”
རྟགས་མའི་པར་ལེན་འགྲན་སྡུར་ཆེན་མོའི་
བརྩམས་ཆོས་བསྡུ་བའི་བརྡ་ཐོ།
ཞིང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་།ཁུལ་ཨུས་རྒྱལ་སྤྱིའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་འཛུགས་སྐྲུན་བྱེད་པའི་སྤྱིའི་དམིགས་ཡུལ་དང་རྫོང་ཨུས་སི་ཁྲོན་ནུབ་བྱང་ས་ཁུལ་གྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་དམིགས་ས་འཛུགས་སྐྱོང་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལ་དམིགས་ཏེ།བརྙན་མིག་བརྒྱུད་ཁྱོན་ཡོངས་ནས་རྔ་བ་རྫོང་གི་ཁྱད་ཆོས་ཅན་གྱི་རང་བྱུང་གི་མཛེས་སྡུག་དང་སྐྱེ་ཁམས་ཀྱི་མཛེས་སྡུགམི་ཆོས་རིག་གནས་ཀྱི་མཛེས་སྡུག་བཅས་མཚོན་པར་བྱེད་པ་དང་།རིག་གནས་ཡུལ་སྐོར་གྱི་གཏིང་ཟབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར།ཆེད་དུ“གཉན་པོ་གཡུ་རྩེའི་གསེར་བུམ”རྟགས་མའི་པར་ལེན་འགྲན་སྡུར་ཆེན་མོ་འདི་འཛུགས་གཉེར་བྱས་ནས།རྒྱ་ཆེའི་པར་ལེན་མོས་པ་ཅན་གྱི་པར་ལེན་སྤྲོ་བ་སློང་བ་དང་།“ཤར་ཕྱོགས་ཀྱི་སྒྱུ་འཕྲུལ་འཇིག་རྟེན”དང“ཁུག་སོ་སྟོང་གི་བརླན་ས།·བྱིས་སྒྲུང་ཁྲོད་ཀྱི་འབྲོག་ས།”“ཆེས་མཛེས་པའི་དབེན་པའི་གནས་མཆོག”སོགས་ཀྱི་མཚན་སྙན་ལྡན་པའི་རིག་གནས་ཡུལ་སྐོར་ས་གནས་ཁྱབ་བསྒྲགས་བྱ་རྒྱུར་སྐུལ་འདེད་བཏང་ནས།“རྔ་ཁུལ་གྱི་རྔ་བ།·ཕུན་ཚོགས་ཀྱི་དག་ཞིང་།”གི་ཁོངས་ཡོངས་ཡུལ་སྐོར་གཟུགས་བརྙན་མཐོར་འདེགས་སུ་གཏོང་བ།
དང་པོ།རྩ་འཛུགས་ལས་ཁུངས།
གཙོ་སྒྲུབ་ལས་ཁུངས།ཀྲུང་གུང་རྔ་བ་རྫོང་ཨུད།རྔ་བ་རྫོང་མི་དམངས་སྲིད་གཞུང་།
མཛུབ་སྟོན་ལས་ཁུངས།སི་ཁྲོན་ཞིང་ཆེན་དམངས་སྲོལ་པར་ལེན་མཐུན་ཚོགས།རྔ་བ་ཁུལ་པར་ལེན་པའི་མཐུན་ཚོགས།
སྒྲུབ་གཉེར་ལས་ཁུངས།ཀྲུང་གུང་རྔ་བ་རྫོང་ཨུའི་དྲིལ་སྒྲོག་པུའུ།རྔ་བ་རྫོང་རྩོམ་རིག་སྒྱུ་རྩལ་པའི་མཉམ་འབྲེལ་ཚོགས་པ།རྔ་བ་རྫོང་པར་ལེན་པའི་མཐུན་ཚོགས།
རོགས་སྒྲུབ་ལས་ཁུངས།རྔ་བ་རྫོང་རིག་གནས་རྒྱང་སྒྲོག་ལུས་རྩལ་ཡུལ་སྐོར་ཅུས།རྔ་བ་རྫོང་བརྙན་སྦྱོར་མཉམ་འདྲེས་ལྟེ་གནས།
གཉིས་པ།བྱེད་སྒོའི་བརྗོད་བྱ།
རྔ་བའི་བརྙན་རིས།·སྐྱེ་ཁམས་ཀྱི་སྙན་ཚིག
གསུམ་པ།བྱེད་སྒོའི་དུས་ཚོད།
2025ལོའི་ཟླ་7ཚེས་29ཉིན།—ཟླ་8ཚེས་24ཉིན།དེ་ལས་བརྩམས་ཆོས་བསྡུ་བའི་དུས་ཚོད་ནི་ཟླ་7ཚེས་29ཉིན་ནས་ཟླ་8ཚེས་14ཉིན་བར་ཡིན་པ་དང་།བརྩམས་ཆོས་རིགས་དབྱེ་ལེགས་སྒྲིག་དུས་ཚོད་ནི་ཟླ་8ཚེས་15ཉིན་ནས་ཚེས་16ཉིན་བར།ཆེད་མཁས་པས་ཞིབ་དཔྱད་དུས་ཚོད་ནི་ཟླ་8ཚེས་17ཉིན་ནས་ཟླ་8ཚེས་20ཉིན་བར།བྱ་དགའ་ཐོབ་པའི་གནས་ཚུལ་སྤྱི་བསྒྲགས་དུས་ཚོད་ནི་ཟླ་8ཚེས་21ཉིན་ནས་ཟླ་8ཚེས་23ཉིན་བར།གཅིག་སྡུད་འགྲེམ་སྟོན་དུས་ཚོད་ནི་རྫ་ཁྲོམ་རིག་གནས་ཡུལ་སྐོར་དུས་ཆེན་གྱི་སྐབས་ཡིན།
བཞི་བ།པར་ལེན་ས་གནས།
རྔ་བ་རྫོང་ཁོངས་ཡོངས།
ལྔ་བ།འགྲན་ཞུགས་མི་སྣ།
རྒྱལ་ཡོངས་ཀྱི་པར་ལེན་མོས་པ་ཅན་ཚང་མ་འགྲན་ཞུགས་བྱ་ཆོག
དྲུག་པ།བརྩམས་ཆོས་ཀྱི་རིགས།
གཅིགརང་བྱུང་ལྗོངས་ཁམས་ཀྱི་རིགས།
༡བརྗིད་ཆགས་མཛེས་སྡུག་གི་རོ་ཀླུང་སྟེ།གངས་རི་དང་གྲོག་རོང་སོགས་ས་གཤིས་གནས་ཚུལ་ངོ་མཚར་ཅན།༢ཉམས་དགའ་བའི་ཆུ་ཁོངས་ཏེ།ཆུ་བོ་དང་མཚེའུ་སོགས་ཀྱི་ལྗོངས་ཁམས།༣སྐྱེ་ཁམས་རྩྭ་ཐང་སྟེ།ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་གི་སྤང་ལྗོངས།༤གནམ་གཤིས་ངོ་མཚར་བ་སྟེ།སྤྲིན་གྱི་རྒྱ་མཚོ་དང་ཉི་ཤར།སྐར་ཚོགས་བཀྲ་བའི་ནམ་མཁའ་སོགས་གནམ་གཤིས་ཀྱི་མཛེས་ལྗོངས།
གཉིས།མི་ཆོས་རིག་གནས་གོམས་སྲོལ་གྱི་རིགས།
༡ཐོན་སྐྱེད་འཚོ་བ་སྟེ།ཞིང་འབྲོག་མི་དམངས་ཀྱི་སྲོལ་རྒྱུན་ངལ་ལས་རྣམ་པ།༢དགའ་སྟོན་བྱེད་སྒོ་སྟེ།རྫ་ཁྲོམ་དང་ལོ་ལེགས་ནས་འབྲེག་སོགས་ཀྱི་དམངས་སྲོལ་རྟེན་འབྲེལ་མཛད་སྒོ།༣དངོས་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་སྐོར་ཏེ།བོད་སྤོས་དང་བོད་འཇིག་སོགས་དངོས་མིན་ཤུལ་བཞག་རིག་གནས་འགྲེམ་སྟོན།༤འཛུགས་སྐྲུན་ཁྱད་ཆོས་ཏེ།སྲོལ་རྒྱུན་དམངས་ཁང་དང་ཁྱད་ལྡན་འཛུགས་སྐྲུན་དངོས་པོ།
གསུམ།སྲོག་ཆགས་ཀྱི་ཉམས་འགྱུར་རིགས།
༡རྒྱལ་ཁབ་སྲུང་སྐྱོབ་སྲོག་ཆགས་ཏེ།གསའ་དང་ཁྲུང་ཁྲུང་སྐེ་ནག་སོགས་མཐོང་དཀོན་པའི་སྲོག་ཆགས་ཀྱི་བརྙན་རིས།༢སྐྱེ་ཁམས་ཀྱི་ཁྱད་ཆོས་ཏེ།རི་སྐྱེས་སྲོག་ཆགས་དང་རང་བྱུང་ཁོར་ཡུག་ཞི་མཐུན་མཉམ་གནས་ཀྱི་རྣམ་པ།
བདུན་པ།བྱ་དགའ།(སྤྱིའི་བྱ་དགའ་སྒོར་ཁྲི་5.98)
གཅིགརྒྱུན་སྲོལ་བྱ་དགའ་སྟེ།རང་བྱུང་ལྗོངས་ཁམས་དང་མི་ཆོས་རིག་གནས་གོམས་སྲོལ།སྲོག་ཆགས་ཀྱི་ཉམས་འགྱུར་བཅས་འགྲན་ཞུགས་བརྩམས་ཆོས་རིགས་3ལ་སོ་སོར་བྱ་དགའ་ཨང་དང་པོ་ཐོབ་མཁན་1(བྱ་དགའ་སྒོར་5000)དང་།ཨང་གཉིས་པ་2།(བྱ་དགའ་སྒོར་2000རེ།)ཨང་གསུམ་པ་3།(བྱ་དགའ་སྒོར་1000རེ།)ཕུལ་བྱུང་བྱ་དགའ་ཐོབ་མཁན་10།(བྱ་དགའ་སྒོར་300རེ།)འགྲན་ཞུགས་ཚད་ལོན་བྱ་དགའ་ཐོབ་མཁན་16(བྱ་དགའ་སྒོར་100རེ།)བཅས་ཡོད།
གཉིས།ཁྱད་འཕགས་བྱ་དགའ་སྟེ།ཁྱད་འཕགས་བྱ་དགའ་ཐོབ་མཁན་1དང་།བྱ་དགའ་ལ་སྒོར་ཁྲི་1.5ཡིན།(དེའི་ནང་དུ་འདུས་པའི་རྒྱུན་སྲོལ་བྱ་དགའི་དངུལ་བསྐྱར་སྤྲོད་བྱེད་རྒྱུ་མིན།)དེ་ནི་རང་བྱུང་ལྗོངས་ཁམས་དང་མི་ཆོས་རིག་གནས་གོམས་སྲོལ།སྲོག་ཆགས་ཀྱི་ཉམས་འགྱུར་བཅས་རིགས་3གྱི་བྱ་དགའ་ཨང་དང་པོའི་བརྩམས་ཆོས་ཁྲོད་ནས་འདེམ་རྒྱུ་ཡིན།
བརྒྱད་པ།འགྲན་ཞུགས་རེ་འདུན།
༡དུས་ཚོད་ཐད་ཀྱི་རེ་འདུན།པར་ལེན་དུས་ཚོད་ནམ་ཡིན་ཡང་ཆོགརབ་ཡིན་ན་ཉེ་བའི་ལོ་གསུམ་གྱི་ནང་གི་བརྩམས་ཆོས་གསར་བ་འདོན་སྤྲོད་བྱེད་པ།
༢གྲངས་ཀའི་རེ་འདུན།རང་བྱུང་ལྗོངས་ཁམས་དང་མི་ཆོས་རིག་གནས་གོམས་སྲོལ།སྲོག་ཆགས་ཀྱི་ཉམས་འགྱུར་བཅས་བརྩམས་ཆོས་རིགས་3ལ།པར་རྐྱང་བའམ་པར་རིས་སྐོར་ཁག(པར་རིས་4ནས་8བར།)གང་ཡིན་ཡང་ཆོགམི་རེའི་པར་རིས་20ལས་བརྒལ་མི་ཆོག
༣ཚད་གཞིའི་རེ་འདུན།བརྩམས་ཆོས་JPGརྣམ་པའི་ཡིག་ཆ་ཡིན་དགོས།ཞབས་མཐའི་བརྙན་རྒྱུ་4000ལས་མི་དམའ་བ།ཡིག་ཆའི་ཆེ་ཆུང་MB5ནས20བར་ཡིན་དགོས།བརྙན་རིས་ཀྱི་སྤུས་ཚད་པར་འདེམས་འགྲེམ་སྟོན་གྱི་རེ་འདུན་དང་མཐུན་པར་ཁག་ཐེག་བྱེད་དགོས།
༤རྗེས་མཐུད་རེ་འདུན།ཁ་དོག་ཚོན་མདོག་ཅན་དང་དཀར་ནག་གང་ཡིན་ཡང་ཁྱད་མེད།ཚད་དང་རན་པའི་སྒྱུར་བཅོས་གཏོང་ཆོག(དཔེར་ན་ཁ་དོག་འཐུས་ཚང་དུ་གཏོང་བ་དང་བསྡུར་ཚད་ཇེ་ལེགས་སུ་གཏོང་བ་སོགས།)ཡིན་ན་ཡང་གདོད་མའི་བརྙན་རིས་ཀྱི་ཐོག་ཏུ་འདྲེས་སྦྱོར་དང་ཁ་སྣོན།ཚད་མཐོའི་འགྱུར་བཅོས་གཏོང་བ་སོགས་བྱ་མི་ཆོག
དགུ་བ།བརྩམས་ཆོས་སྐུར་ཐབས།
༡གློག་རྡུལ་ཡིག་ཟམ།abx2481238@163.com
༢འབྲེལ་གཏུག་ཁ་པར།ཀྲུང་གུང་རྔ་བ་རྫོང་ཨུའི་དྲིལ་སྒྲོག་པུའུ།(0837-2482486)
༣བརྩམས་ཆོས་ཀྱི་བཟོ་དབྱིབས།བོངས་ཚད་ཆུང་དུ་བཏང་ནས་གཏན་འཁེལ་གྱི་ཡིག་ཟམ་དུ་སྐུར་དགོས།བོངས་ཚད་ཆུང་དུ་བཏང་བའི་ཡིག་ཆ་ནི་སོ་སོར་རང་བྱུང་ལྗོངས་ཁམས་དང་མི་ཆོས་རིག་གནས་གོམས་སྲོལ།སྲོག་ཆགས་ཀྱི་ཉམས་འགྱུར་བཅས་རིགས་3དུ་དབྱེ་ལ།སྐུར་དུས“རུས་མིང་།+རིགས་སྣ།+ཁ་པར་ཨང་གྲངས།”ལྟར་འགོད་པ་དང་།དེ་ལས་པར་རིས་བརྩམས་ཆོས་ལ“རུས་མིང་།+རིགས་སྣ།+བརྩམས་ཆོས་ཀྱི་མིང་།”ལྟར་འགོད་དགོས།
༤བརྩམས་ཆོས་བསྡུ་བའི་དུས་ཚོད།2025ལོའི་ཟླ་7པའི་ཚེས་29ཉིན།—2025ལོའི་ཟླ་8པའི་ཚེས་14ཉིན་བར།
༥བྱ་དགའ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས་དུས་ཚོད།2025ལོའི་ཟླ་8པའི་ཚེས་24ཉིན།
༦བྱ་དགའ་ཐོབ་པའི་གནས་ཚུལ་ཁྱབ་བསྒྲགས་བྱ་ཡུལ།“རྔ་ཁུལ་གྱི་རྔ་བ།”སྐད་འཕྲིན་སྤྱི་རྟགས་དང“རྔ་ཁུལ་གྱི་རྔ་བ།”APP(མཉེན་ཆས)སོགས་གཞུང་ཕྱོགས་འཕྲིན་སྟེགས།
བཅུ་བ།འགྲན་ཞུགས་དོ་སྣང་བྱ་ཡུལ།
༡འགྲན་ཞུགས་ཐོབ་ཐང་།རྒྱལ་ཁབ་ཕྱི་ནང་གི་པར་ལེན་པ་དང་པར་ལེན་མོས་པ་ཅན་ཚང་མ་ཞུགས་ཆོག
༢བརྩམས་སྤྱོད་བེད་སྤྱོད།འགྲན་ཞུགས་བྱས་པའི་བརྩམས་ཆོས་དག་ནི་གཙོ་སྒྲུབ་ལས་ཁུངས་ལ་བེད་སྤྱོད་གཏོང་དབང་ཡོད་པས།ཡང་བསྐྱར་གླ་ཡོན་སྟེར་རྒྱུ་མིན།བརྩམས་ཆོས་བསྐུར་མཁན་གྱིས་པར་དབང་གནད་དོན་དང་ཡང་ན་གནད་དོན་གཞན་པའི་ཐད་ནས་གཙོ་སྒྲུབ་ལས་ཁུངས་དང་རྩོད་གཞི་སློང་མི་ཆོག
༣བརྩམས་ཆོས་སྤྲོད་པ།བྱ་དགའ་ཐོབ་མཁན་གྱིས་གདོད་མའི་ཡིག་ཆ་ཉར་ཚགས་བྱ་རྒྱུར་སྤྲོད་དགོས།
༤གསར་བྱུང་བརྩམས་ཆོས་ཀྱི་གསལ་འདེབས།བརྩམས་ཆོས་རང་གིས་གསར་དུ་བརྩམས་པ་ཡིན་དགོས།དེའི་ཐད་ནས་རྩོམ་པ་པོས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་འགན་འཁུར་དགོས།
༥དཔྱད་བསྡུར་གདམ་གསེས་ལམ་སྲོལ།ཀཆེད་མཁས་དཔྱད་ཞིབ་ཚོ་ཆུང་གིས་ཆེད་ལས་དཔྱད་འདེམ་བྱེད་པ།ཁརྩོམ་པ་པོ་གཅིག་གིས་རིམ་གཅིག་བྱ་དགའ་གཅིག་མ་གཏོགས་མི་ཐོབ་པ།གཕུལ་བྱུང་བྱ་དགའ་མང་པོ་ཐོབ་ཆོག
རྔ་བ་རྫོང“གཉན་པོ་གཡུ་རྩེའི་གསེར་བུམ”རྟགས་མའི་
པར་ལེན་འགྲན་སྡུར་ཆེན་མོའི་ཚོ་ཆུང་ཨུ་ཡོན་ལྷན་ཚོགས།
2025ལོའི་ཟླ་7པའི་ཚེས་28ཉིན།
https://mp.weixin.qq.com/s/yvLwNryQ1-BF1EL11-9I4Q